རྩིས་ལག་རྩལ་གཞུང་ལ་འདི་ནས་འཇུག

མཚོ་སྔོན་པོ་མཉེན་ཆས་གླིང་།

མིག་སྔའི་གནས་ཡུལ།: གཙོ་ངོས། > རྒྱུན་སྤྱོད་མཉེན་ཆས། >

གླེང་མོལ་མཉེན་ཆས།

མཉེན་ཆས་ས་ཁོངས།:ཕྱི་རྒྱལ། དབང་སྐུར་བྱེད་སྟངས།:ཨང་གྲོལ། མཚམས་ངོས་ཡིག་རིགས།:རྒྱ་ཡིག མཉེན་ཆས་ཆེ་ཆུང་།:36 ཡིག་ཆའི་རྣམ་པ།:.exe འཁོར་སྐྱོད་ཁོར་ཡུག:Win2003WinXPWin2000Win9X མཉེན་ཆས་ཨང་རིམ།:★★★☆☆ སྤེལ་བའི་དུས་ཚོད།:2014-09-05 གཞུང་ཕྱོགས་དྲ་གནས།:http:// གསལ་སྟོན་དྲ་གནས།:http:// ཕབ་ལེན་སྡོམ་གྲངས།:
མཉེན་ཆས་མཚམས་སྦྱོར།
       དེང་གི་ཆར་བོད་ཡིག་གི་ངོ་བོ་དང་རིན་ཐང་ཐད་ནས་འབུ་ཟས་ལ་ཧབ་ཤ་ཆེ་བའི་མི་རིགས་ཕར་ཟད་མིག་སེར་དང་མིག་ལྗང་གི་མི་རིགས་དག་གི་ཡིག་རིགས་ཀྱི་སྤུས་ཚད་ལ་ཡང་འགྲན་དུ་ཕོད་ཀྱང་།  དེ་དག་ལ་མེད་པའི་ང་ཚོའི་ཆོག་ཤེས་འདིས་འཚོ་ཐབས་ཙམ་དང་གང་གིས་ཀྱང་མི་ཚེ་ཕྱིད་ཐབས་ཙམ་བྱས་པར་བསྟུན།  ད་ལྟ་ཕྱིའི་དངོས་པོའི་ཡར་རྒྱས་ཀྱི་ངོས་ནས་བལྟས་ན་གདོད་མའི་ནགས་ཚལ་ལས་གྱེས་ཙམ་རེད་ཅེས་ན་དོན་དུ་འགྱུར་ངེས་རེད། དེ་ནི་ཁྱེད་ཀྱིས་རང་གི་མགོ་མཇུག་བར་གསུམ་ནས་ཞིབ་གཟིགས་ཀྱིས་དང་རང་གི་ལག་པ་དང་ཀླད་ཤུགས་ཀྱིས་ག་ཙམ་རང་རྐྱ་འཕེར་བའི་སྒོ་ནས་བཟོ་ཐུབ། ད་གདོད་ཅུང་ཟད་རེ་འགུལ་ཤེས་ཙམ་སྲིད་མོད། འཕྱིས་དྲགས་པས་གཞན་གྱིས་ཉིན་གཅིག་གི་དཀའ་ལས་དེ་རང་ཅག་གི་ལོ་དང་ཟླ་བ་སྦྲེལ་བའི་དཀའ་ལས་སུ་སོང་འདུག་པ་འདི་རེད། དེ་ལས་ཆ་འཕྲིན་རིག་གནས་ཀྱི་ལམ་ནས་རང་གི་རིག་གནས་སྤྱི་དང་དགོས་སུ་བོད་ཡིག་བཀོལ་སྤྱོད་བྱ་རྒྱུར་གནོན་ཤུགས་ལྕི་བ་དང་ཁོར་ཡུག་དོག་པ་སོགས་ཟད་མི་ཤེས་པའི་གནས་ཚུལ་ལྷག་ཡོད་པའི་སྐབས་འདིར།  གྲོགས་པོ་ལག་རྩལ་པ་ཞིག་གིས་མཚམས་སྦྱོར་བྱས་པ་ལྟར་ན་བོད་ཡིག་ཧིགཟུགས་དང་པན་གཟུགས་སྨོན་ལམ་སོགས་ཅི་འདོད་དུ་བཀོལ་ཐུབ་པའི་ཀོའུ་ཀོའུ་བོད་ཡིག་གླེང་མོལ་གཉེན་ཆས་འདི་བཀོལ་བར་ཀུན་ལ་སྐུལ་འདེད་གཏོང་གིན་ཡོད་པ་མ་ཟད།ངེད་ཅག་བོད་མི་རེ་རེ་ཡི་འགན་ཡང་རེད།  གཅིག་ནས་བོད་ཡིག་གི་ཁོར་ཡུག་ཅེ་ཆེ་དང་། གཉིས་ནས་བོད་རིགས་བྱེས་སྡོད་པ་དང་གྲོང་ཁྱེར་བ་བོད་ཡིག་དང་ཐག་རིང་དུ་གནས་པ་དག་ལ་ཚད་ལྡན་གྱི་བོད་ཡིག་གི་སློབ་སྦྱོང་ཞིག་སྤྲོད་ཐུབ་པས། ཀུན་གྱིས་དོར་སྣང་ཡོད་པར་ཞུ།  རང་ཅག་གིས་རང་ཅག་གི་བོད་ཡིག་བཀོལ་ས་འདི་འདྲ་ཞིག་ཡོད་བཞིན་དུ་དབྱིན་ཡིག་དང་རྒྱ་ཡིག་སོགས་ཡིག་རིགས་གཞན་ཁོ་ན་བཀོལ་བ་ནི་ཕ་བསད་པ་ལ་རྒྱལ་རྔ་བརྡུངས་པའི་ངང་ཚུལ་རེད།  མ་མཐའ་ཡང་ངེད་ཅག་གིས་གླེང་མོལ་མཉེན་ཆས་འདི་ལྟ་བུ་ཞིག་ལ་བོད་ཡིག་བཀོལ་རྒྱུར་བརྩོན་པའི་དམ་བཅའ་ཡོད་དགོས།  ལྷག་པར་དུ་དབྱིན་ཡིག་ཁོ་ན་བཀོལ་བའི་ནུབ་གླིང་ས་ཁུལ་གྱི་སློབ་མ་དང་། གྲོང་ཁྱེར་སོགས་ན་རྒྱ་ཡིག་ཟ་མ་བཞིན་དུ་མཆོད་པའི་སྐུ་ངོའི་རིགས་ཀྱི་བུ་དང་བུ་མོ།  ཁྱད་པར་དུ་བུ་མོའི་རིགས་ཀྱིས་གཤམ་གྱི་གླེང་མོལ་མཉེན་ཆས་བཀོལ་སྤྱོད་བྱ་ཚུལ་འདི་བརྒྱུད་ནས་ཕེབས་པ་དང་།  ལྷག་པར་དུ་རང་སྒེར་གྱི་རྩིས་འཁོར་ནང་དུ་བོད་ཡིག་ཧི་གཟུགས་དང་སྨོན་ལམ་སོགས་བླུགས་པ་དང་།  གཞན་གྱི་རྩིས་འཁོར་ས་གང་ནས་བེད་སྤྱོད་ན་བལྡུག་ཤེས་པར་འབོད་སྐུལ་ཞུ་ཞུ།
ཕབ་ལེན་དྲ་གནས།
ཕབ་ལེན་གསལ་བྱེད།

ངེད་དྲ་བའི་སྟེང་གི་མཉེན་ཆས་དག་ཕབ་ལེན་ལག་ཆ་གཞན་དག་སྤྱད་ནས་ཕབ་ལེན་བྱེད་པ་དང་པར་གཞི WinRAR v3.10 ཡན་ཆད་ཅན་གྱི་སྡུད་སྒྲིག་བྱེད་དགོས།
གལ་ཏེ་མཉེན་ཆས་འདི་ཕབ་ལེན་བྱེད་མ་ཐུབ་ན་ནོར་འཁྲུལ་ཡར་ཞུ་བྱེད་པར་མཁྱེན།
མཉེན་ཆས་ཕབ་ལེན་བྱེད་དུས་
ངེད་དྲ་བའི་ཞབས་ཞུ་ཆས་སྟེང་ནས་ཕབ་ལེན་བྱེད་མ་ཐུབ་ན་ཏོག་ཙམ་རྗེས་ནས་ཡང་བསྐྱར་ཚོད་ལྟ་བྱེད་རོགས།

གལ་ཏེ་དོགས་གཞི་གང་ཞིག་གམ་བསམ་ཚུལ་ཡག་པོ་ཡོད་ན་ང་ཚོ་ལ་འབྲེལ་གཏུགས་བྱེད་པར་མཁྱེན།
ངེད་དྲ་བའི་འདོན་སྤེལ་བྱས་པའི་ཚོང་ལས་མཉེན་ཆས་དག་སློབ་སྦྱོང་བྱེད་པར་ཕུལ་བ་ཡིན། ཚོང་ལས་ལ་བཀོལ་ན་པར་གཞི་དངོས་མ་ཉོ་རོགས།

རྒྱབ་སྐྱོར།
(0)
0%
ངོ་རྒོལ།
(0)
0%
------分隔线----------------------------
ལེ་ཚན་ཕྲེང་བསྟར།
འོས་སྦྱོར་མཉེན་ཆས།